
必须始终坚持党的领导、加强党的建设西藏日报评论员
习近平总书记在听取自治区党委政府工作汇报时,深刻指出:“做好西藏工作,必须始终坚持党的领导、加强党的建设。”我们要深入领会习近平总书记重要讲话精神,毫不动摇把坚持党的领导贯穿西藏工作全过程各方面,确保始终沿着正确政治方向前进;坚定不移把全面从严治党引向深入,为社会主义现代化新西藏建设提供坚强政治保障。
中国共产党是中国特色社会主义事业的领导核心,是各族人民最可靠的主心骨。回望自治区成立60年来,从地区生产总值增长155倍、年均增长8.9%,到城乡居民人均可支配收入年均分别增长8.5%、9.4%,从“复兴号”巨龙穿越崇山峻岭、183条航线快捷联通世界,到“电力天路”点亮万家灯火、5G信号送上珠峰之巅,所经历的恢宏历程、所创造的“人间奇迹”,都是在中国共产党坚强领导下实现的,都是在党的治藏方略指引下实现的。西藏和平解放以来的历史,就是中国共产党为西藏各族人民谋解放、谋幸福、谋发展的历史。没有中国共产党就没有社会主义现代化新西藏,就没有西藏各族人民的好日子。
一引其纲,万目皆张。当前和今后一个时期,西藏现代化建设站在新的历史起点上,面对新形势新任务,我们要充分认识在西藏“必须始终坚持党的领导、加强党的建设”的极端重要性,坚持用习近平新时代中国特色社会主义思想统一思想、统一意志、统一行动,确保党的大政方针在西藏全面贯彻落实;坚持以改革精神和严的标准管党治党,全面加强各级领导班子、干部人才队伍、基层组织建设,引导各族干部群众始终坚定听党话、跟党走,让党在西藏的执政基础始终坚如磐石、稳如泰山。
党的力量来自组织。党的全面领导、党的全部工作,要靠党的坚强组织体系去实现。建设团结富裕文明和谐美丽的社会主义现代化新西藏,必须充分发挥党的组织功能、组织优势、组织力量,形成上下贯通、执行有力的严密组织体系,确保党的领导“如身使臂,如臂使指”,确保新时代党的治藏方略落地落实。
党的基层组织是党的肌体的“神经末梢”,是抓落实的“最后一公里”。只有不断健全基层组织,优化组织设置,理顺隶属关系,创新活动方式,扩大党的组织覆盖和工作覆盖,才能充分发挥基层党组织的战斗堡垒作用,让党的旗帜在雪域高原高高飘扬。
干部是抓落实的关键因素。只有党员干部冲锋在前、真抓实干,充分发挥先锋模范作用,才能把各方面的智慧和力量都凝聚起来,把各方面的干劲都带动起来。要抓住密切党同人民群众的血肉联系这个核心问题,进一步运用好深入贯彻中央八项规定精神学习教育成果和经验,持续改进作风狠抓落实,以求真务实的精神确保各项工作落到实处、见到实效;要大力弘扬老西藏精神、“两路”精神,坚持严管厚爱统一、激励约束并重,引导广大党员、干部和各类人才奋发进取、担当作为;要认真落实全面从严治党政治责任,坚持正风肃纪反腐相贯通,一体推进不敢腐、不能腐、不想腐,努力营造风清气正的政治生态。
党的领导更加坚强有力,党员干部干净干事、大胆干事,我们就一定能以好作风好形象,凝聚起各族干部群众共同团结奋斗的强大力量,一起建设繁荣稳固的祖国边疆。
ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་མཐའ་གཅིག་ཏུ་རྒྱག་དགོས།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས། “བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་མཛུབ་སྟོན་ཟབ་མོ་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། གཡོ་འགུལ་སྤུ་ཙམ་ཡང་མེད་པར་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དེ་བོད་ཀྱི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མར་ཁྱབ་པར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་བྱེད་པར་འགན་ལེན་བྱེད་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་པར་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་བྱེད་དགོས།
ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་དང་། མི་རིགས་ཁག་གི་མི་དམངས་ཀྱི་བློས་འཁེལ་ཤོས་ཀྱི་སྲོག་ཤིང་རེད། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་ལ་ཕྱིར་བལྟ་བྱས་ན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ་155འཕར་བ་དང་ལོ་རེར་ཆ་སྙོམས་8.9%འཕར་བ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་རེར་ཆ་སྙོམས་8.5%དང་9.4%སོ་སོར་འཕར་བའི་བར་དང་། “བསྐྱར་དར་རྟགས་ཅན”གྱི་མེ་འཁོར་འདི་གཡུ་འབྲུག་སྔོན་མོ་ཇི་བཞིན་མཐོ་སྒང་གི་རི་ཀླུང་ཁྲོད་འཁོར་སྐྱོད་བྱུང་བ་དང་མཁའ་འགྲུལ་ལམ་ཐིག་183མཛམ་གླིང་ས་ཕྱོགས་ཀུན་དང་མགྱོགས་མྱུར་སྦྲེལ་བ་ནས“གློག་ཤུགས་མཁའ་ལམ”གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་གློག་གི་འོད་སྣང་སྦྱིན་པ་དང་5Gཡི་བརྡ་རྟགས་ཇོ་མོ་གླང་མའི་རྩེ་མོར་ཁྱབ་པའི་བར། བརྒྱུད་པའི་བརྗིད་ཆེའི་ལོ་རྒྱུས་ལམ་བུ་དང་བཏོད་པའི“མི་ཡུལ་གྱི་ངོ་མཚར”ཚང་མ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མངོན་འགྱུར་བྱུང་བ་དང་། ཚང་མ་ནི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་མཛུབ་ཁྲིད་འོག་མངོན་འགྱུར་བྱུང་བ་ཞིག་རེད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་རྒྱུས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བཅིངས་འགྲོལ་དོན་གཉེར་དང་། བདེ་སྐྱིད་དོན་གཉེར། འཕེལ་རྒྱས་དོན་གཉེར་བཅས་བྱས་པའི་ལོ་རྒྱུས་ཤིག་རེད། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མེད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཡང་མེད།
འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་བྱས་ན། ལྷུ་ཚིགས་གཞན་དག་ལ་སྐུལ་ཁྲིད་བྱེད་ཐུབ། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཤིང་། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་ང་ཚོས་བོད་དུ“ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་ངེས་པར་དུ་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་མཐའ་འཁྱོངས་བྱས་ནས་ཏང་གི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་བོད་དུ་ཕྱོགས་ཡོངས་ནས་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ་དང་། རིམ་ཁག་འགོ་ཁྲིད་ཚན་ཁག་དང་། ལས་བྱེད་ཤེས་ལྡན་པའི་དཔུང་ཁག གཞི་རིམ་རྩ་འཛུགས་བཅས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱས་ནས། བོད་དུ་ཏང་གི་སྲིད་སྐྱོང་རྨང་གཞི་ཐོག་མཐའ་བར་གསུམ་དུ་བྲག་རྡོ་ལྟར་བརྟན་པ་དང་རི་བོ་ཐའེ་ཧྲན་ལྟར་བརླིང་པོ་ཡོང་བར་བྱེད་དགོས།
ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་ཡིན། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་དང་ཏང་གི་ལས་དོན་ཚང་མ་ཏང་གི་རྩ་འཛུགས་མ་ལག་བརྟན་པོ་ཞིག་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། མཐུན་སྒྲིལ་དང། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར། ངེས་པར་དུ་ཏང་གི་རྩ་འཛུགས་ཀྱི་ནུས་པ་དང་། རྩ་འཛུགས་ཀྱི་ལེགས་ཆ། རྩ་འཛུགས་ཀྱི་སྟོབས་ཤུགས་བཅས་འདོན་སྤེལ་གང་ལེགས་ཀྱིས་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་དམ་ཟབ་ཆགས་པར་བྱས་ཏེ། ཏང་གི་འགོ་ཁྲིད་དེ“ལུས་པོས་དཔུང་པ་བཀོལ་བ་དང་དཔུང་པས་མཛུབ་མོ་བཀོལ་བ་ལྟ་བུ”ཡོང་བར་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ཏང་གི་གཞི་རིམ་རྩ་འཛུགས་ནི་ཏང་གི་གཟུགས་ཕུང་གི་དབང་རྩ་ལྟ་བུ་ཡིན་ལ། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་མཐའ་མའི་འགག་གནད་ཀྱང་ཡིན། གཞི་རིམ་རྩ་འཛུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩ་འཛུགས་སྒྲིག་འཛུགས་ལེགས་སུ་གཏོང་བ། ཁོངས་གཏོགས་འབྲེལ་བ་ལེགས་སུ་གཏོང་བ། བྱེད་སྒོ་སྤེལ་སྟངས་གསར་གཏོད་བྱེད་པ། ཏང་གི་རྩ་འཛུགས་ཀྱི་ཁྱབ་རྒྱ་དང་ལས་དོན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཚེ། གཞི་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ནས་ཏང་གི་དར་ཆ་གངས་ལྗོངས་ས་མཐོར་ལྷབ་ལྷུབ་ཏུ་གཡོ་ཐུབ།
ལས་བྱེད་པ་ནི་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འགག་རྩའི་རྒྱུ་རྐྱེན་ཡིན། ཏང་ཡོན་ལས་བྱེད་པས་གདོང་མཆོང་བྱེད་པ་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཚེ། གཞི་ནས་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་འགྲིལ་ཐུབ་པ་དང་ཕྱོགས་ཁག་གི་ངར་ཤུགས་ཚང་མ་འཕེལ་ཐུབ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་དམ་ཟབ་ཡོང་བར་བྱེད་པའི་ལྟེ་བའི་གནད་དོན་འདིར་དམ་འཛིན་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དང་ཉམས་མྱོང་སྔར་བས་བེད་སྤྱོད་ཡག་པོ་བྱས་ཐོག མུ་མཐུད་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དོ་དམ་ནན་པོ་དང་གཅེས་སྐྱོང་མཉམ་བཟུང་དང་སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། རིགས་ཁག་གི་ཤེས་ལྡན་པ་བཅས་ཀྱིས་སྙིང་སྟོབས་ཆེར་སྐྱེད་བྱས་ནས་ཡར་རྒྱས་བརྩོན་ལེན་དང་རང་འགན་ཐེག་པ་འཁུར་ལེན་བྱེད་པར་ཁྲིད་སྟོན་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་ཏན་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་ཧུར་ཐག་སྐྲུན་དགོས།
ཏང་གི་འགོ་ཁྲིད་སྔར་བས་འགྱུར་མེད་སྟོབས་ལྡན་དང་ནུས་པ་ལྡན་པ། ཏང་ཡོན་ལས་བྱེད་པས་སྤྱོད་གཙང་ངང་ལས་དོན་སྒྲུབ་པ་དང་བློ་ཁོག་ཆེན་པོས་ལས་དོན་བསྒྲུབས་ཚེ། ང་ཚོས་སྤྱོད་ཚུལ་བཟང་པོ་དང་གཟུགས་བརྙན་བཟང་པོར་བརྟེན་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་མཉམ་དུ་སྐྲུན་ཐུབ་ངེས་རེད།
FM8488:必须始终坚持党的领导、加强党的建设(汉藏双语).mp3
